༉ དགའ་ས་རྫོང་ཁག་ མཐའ་ཟུར་གྱི་ ལ་ཡ་གཡུས་ཚན་དེ་ གྱང་ཤུགས་ཆེ་བའི་ གངས་རི་གུ་ལུ་ཆགས་ཏེ་ཡོདཔ་ད་ དེ་ཚུ་ཡུན་རིངམོ་སྦེ་ར་ རྒྱུན་སྐྱོང་འཐབ་སྟེ་ གནས་ཚུགས་པའི་གོ་སྐབས་མེདཔ་བཞིན་དུ་ མ་འོངས་པའི་ནང་ ལ་ཡ་གི་ ཨ་ལུ་ཚུ་གིས་ ཁཝ་གིས་ཁྱབ་སྟེ་ཡོད་པའི་ས་ཁོངས་ཚུ་ནང་ རྩེདམོ་རྩེ་སྡོད་ནི་དེ་ མཐོང་ཚུགས་པར་ ལཱ་ཁག་འོང་ནི་ཨིན་མི་དེ་ཡང་ ད་རེས་ནངས་པར་ ལ་ཁ་ལུ་ ཁཝ་རྐྱབ་ནིའི་དུས་ཚོད་ ངེས་བརྟན་མེད་པའི་གུ་ གནམ་གཤིས་འགྱུར་འགྱོ་དོ་ཡོད་མི་གིས་ ཧེང་སྐལ་ར་ མ་འོངས་པ་ལུ་ མནོ་བསམ་གཏང་མ་ཚུགས་པའི་ གནས་སྟངས་ཅིག་ལུ་ འགྱུར་ནི་བཟུམ་ཡོདཔ་ཨིན་པས།
གཡུས་ཁའི་ན་གཞོན་ཚུ་ ལོ་དང་ན་ཚོད་རྒས་སུ་འགྱོ་དོ་ཡོད་མི་དང་ ཁོང་གི་ཚོར་སྣང་ལུ་ གནམ་གཤིས་འགྱུར་བགྲོད་ཀྱིས་ ཁོང་གི་གནས་སྟངས་དེ་ འགྱུར་བ་འགྱོ་དོ་ཡོདཔ་ལས་ ཧེ་མ་ གནམ་གཤིས་བསིལ་དྲག་སྦེ་ཡོད་པའི་ ལ་མཐོ་སའི་ས་ཁོངས་ཚུ་ ད་རེས་འགྱུར་བ་སོང་ཡོདཔ་བཞིན་དུ་ གནམ་གཤིས་དང་ དུས་ཚོད་ཀྱི་གནས་སྟངས་ཚུ་ འགྱུར་བ་འགྱོ་དོ་ཡོད་པའི་ རྟགས་མཚན་བཏོན་དོ་ཡོདཔ་ལས་ ང་བཅས་ཀྱིས་ ག་ནི་བ་ཡ་མཚན་ཅན་དང་ མི་རབས་ལས་བཅད་དེ་ རྒྱུན་སྐྱོང་ཐབས་སྡོད་མི་ལམ་སྲོལ་ཚུ་ འཕྲལ་མགྱོགས་ར་ མེདཔ་ཐལ་ནི་བཟུམ་སྦེ་ཡོདཔ་ཨིན་པས།
འདི་བཟུམ་གྱི་ འགྱུར་བ་འགྱོ་དོ་ཡོད་མི་ལུ་ ལ་ཡ་གི་ ཨ་ལུ་ཚུ་ སེམས་མ་དགའ་བར་ཡོདཔ་ད་ དེ་ཡང་ ཁོང་ར་ཆུང་ཀུ་བསྒང་ལས་ར་ ཁཝ་དང་ གྱང་བསིལ་ཅན་ གངས་རི་ལྡན་པའི་ས་ཆ་ཚུ་ནང་ འཕོཝ་རྒྱགས་རྒྱགསཔ་ཅིག་ འབད་ནི་དེ་གིས་ འདི་བཟུམ་གྱི་གནས་སྟངས་ཚུ་ ཁོང་གི་ལག་པ་ལས་ ཤོར་དོ་བཟུམ་ཅིག་གི་ ཚོར་སྣང་བྱུང་དོ་ཡོདཔ་ཨིན་པས།
ལ་ཡ་སློབ་གྲྭ་ལྟེ་བའི་ སློབ་རིམ་༦ པའི་ནང ་སློབ་སྦྱོང་འབད་མི་ སྐྱེས་ལོ་༡༣ ལང་མི་ བུམོ་ཀརྨ་དབྱངས་སྒྲོན་གྱིས་ ཧེ་མ་འབད་བ་ཅིན་ གནམ་དགུན་གྱི་སྐབས་སུ་ ཁོང་གི་གཡུས་ཚན་ནང་ གྱང་བསིལ་ལུ་བརྟེན་ ཕམ་ཚུ་གིས་ གོ་ལ་ཚུ་གཉིས་བརྩེགས་གསུམ་བརྩེགས་རྐྱབ་སྟེ་ གྱོན་བྱིནམ་ཨིན་ཟེར་ཨིནམ་ད་ ང་བཅས་ཀྱིས་ གནམ་གཤིས་བསིལ་དྲག་གི་ གདོང་ལེན་འབད་དོན་ལུ་ གོ་ལ་ཚུ་ལེ་ཤ་བརྩེགས་ཏེ་ གྱོན་དགོ་ཟེར་ཨིན་རུང་ ད་རེས་ནངས་པར་ གནམ་དགུན་ཐོན་ཏེ་འབད་རུང་ གོ་ལ་ཚུ་ ཧེ་མ་བཟུམ་སྦེ་ གྱོན་མ་དགོ་མི་ལུ་བལྟཝ་ད་ ཡ་མཚན་ཅན་ཅིག་སྦེ་ ཚོརཝ་མས་ཟེར་ མོ་གིས་བཤདཔ་ཨིན་པས།
ཀརྨ་གིས་ གནམ་གཤིས་འགྱུར་བགྲོད་ཀྱི་ གནས་དོན་ལུ་ མཐོང་སྣང་གསརཔ་བཟུམ་སྦེ་ ཚོར་དོ་ཡོདཔ་ད་ མོ་དང་ མོ་གི་ཆ་རོགས་ཚུ་གིས་ མཐའ་འཁོར་གནས་སྟངས་ལུ་་འགྱུར་བ་འགྱོ་མི་དེ་ གནས་སྐབས་ཅིག་གི་གནད་དོན་མེནམ་ལས་ དེ་ཚུ་ ཡུན་རིང་གི་ཐོག་ལས་ དཀའ་ངལ་བསལ་མ་ཚུགས་པའི་ རྒྱ་རྐྱེན་ཅིག་ཨིན་མས་ཟེར་ ལོ་རྒྱུས་སླབ་དོ་ཡོདཔ་ཨིན་པས།
གནམ་གཤིས་འགྱུར་བགྲོད་དེ་ གནམ་དགུན་ལུ་ ཚ་དྲོད་ཡར་ཕར་ཡོད་མི་གིས་ མ་དོ་བར་ གཡུས་སྒོའི་ནང་ ཕྱགས་སྙིགས་ཚུ་གིས་གང་སྟེ་ཡོད་མི་དེ་ཡང་ གནད་དོན་ཅིག་ཨིན་མས་ཟེར་ཨིནམ་ད་ ལ་ཡ་བཟུམ་གྱི་ མཐའ་ཟུར་གྱི་གཡུས་ཚན་གཞན་ཚུ་ནང་ ཕྱགས་སྙིགས་འཛིན་སྐྱོང་གི་གཞི་རྟེན་ཚུ་ ཚུལ་ལྡན་མེད་པར་ཡོདཔ་ད་ དེ་གིས་ གཡུས་མི་ཚུ་ལུ་ ཐབས་བྱུས་གཞན་མེད་ནི་དེ་གིས་ ཕྱགས་སྙིགས་ཚུ་ མེར་བཏང་དོ་ཡོདཔ་ཨིན་པས།
མི་སེར་ཚུ་གིས་ ཕྱགས་སྙིགས་ཚུ་ བླུགས་སའི་ས་ཁོངས་མེད་མི་ལུ་བརྟེན་ ཕྱགས་སྙིགས་མེར་བཏང་དོ་ཡོདཔ་ད་ དེ་གིས་གནམ་སྟོང་གི་རླུང་མ་གཙང་ཏོག་ཏོ་ཚུ་ བཙོག་པ་བཟོ་དོ་ཡོདཔ་ད་ གནམ་སྟོང་ནང་དུ་པ་གིས་ གང་སྟེ་འབདཝ་ད་ མོ་གི་སེམས་ཁ་ལུ་ ད་འབདན་གནས་སྟངས་དེ་ སྐྱོ་སུ་འགྱོ་དོ་ཟེར་ཨིནམ་བཞིན་དུ་ མོ་ར་ ཆུང་ཀུ་སྦེ་སྡོད་པའི་སྐབས་ཀྱི་ གཙང་སྦྲ་ཅན་གྱི་རླུང་མ་ཚུ་ སེམས་ཁར་དྲན་དོ་ཡོདཔ་ཨིན་པས།
མཐའ་འཁོར་གནས་སྟངས་ཚུ་ སོར་སྒྱུར་འགྱོ་དོ་ཡོད་མི་གིས་ རླུང་མ་ལུ་བར་ཆད་རྐྱབ་མེན་པར་ གཡུས་མི་ཚུ་ལུ་ ཆུའི་ཉེན་ཁ་དེ་ ཚ་གྱང་གཞན་ཅིག་ཨིནམ་བཞིན་དུ་ ཆུ་རྐ་ཚུ་ མར་ཉམས་འགྱོ་དོ་ཡོད་མི་དང་འབྲེལ་ གཙང་སྦྲ་བཏོན་ནི་དེ་ གདོང་ལེན་ཅན་ཅིག་གུ་ལུ་ ལྷོད་ཡོདཔ་བཞིན་དུ་ ཆུ་མ་ལང་པའི་གདོང་ལེན་ཚུ་ འཐོན་མ་བཅུག་པར་བཞག་ནི་དེ་ དཀའ་ངལ་ཡོདཔ་བཞིན་དུ་ ཉིན་བསྟར་བཞིན་དུ་ གཙང་སྦྲ་དང་ལྡནམ་སྦེ་ སྡོད་ནི་དེ་ གཡུས་མི་ཚུ་ལུ་ ད་རེས་ནངས་པར་ དཀའ་ངལ་འཐོན་དོ་ཡོདཔ་སྦེ་ཨིན་པས།
ལ་ཡ་གི་ ན་གཞོན་ཚུ་གིས་ འཛམ་གླིང་གི་འགྱུར་བ་འགྱོ་དོ་ཡོད་མི་དེ་ ད་རེས་མཐོང་ཚུགས་དོ་ཡོདཔ་ད་ ཁོང་གིས་ མཛེས་ཆ་ལྡན་པའི་ གངས་རི་མཐོང་གསལ་ཡོད་མི་དེ་ མར་ཉམས་འགྱོ་སར་མཐོང་དོ་ཡོདཔ་མ་ཚད་ དམིགས་བསལ་གྱི་ ཚ་དྲོད་ཡར་འཕར་དང་ ཁཝ་བཞུ་འགྱོ་དོ་ཡོད་མི་ འདི་ལུ་བརྟེན་སྡོད་མི་ རི་དྭགས་སེམས་ཅན་དང་ འབྱུང་ཁུངས་ཚུ་ ཉམས་སུ་ཉམས་སུ་ འགྱོ་དོ་ཡོད་པའི་གནད་དོན་ཚུ་ལུ་ བལྟ་དོ་ཡོདཔ་ཨིན་པས།
ཁོང་གིས་ མ་འོངས་པའི་ནང་ འཛམ་གླིང་ནང་ གནས་སྟངས་དེ་ ཚ་གྱང་ཅན་ཅིག་ལུ་ འགྱུར་ནི་མས་ཟེར་ཨིནམ་ད་ ཁོང་གིས་ ད་ལྟོ་ འགྱུར་བ་འགྱོ་དོ་ཡོད་མི་ལུ་ ཚ་གྱང་ལངམ་མེན་པར་ མ་འོངས་ཕ་ལས་བུ་བརྒྱུད་དེ་ གནས་དགོ་པའི་ གནས་སྟངས་ནང་ དོ་འགྲན་ཅན་ཅིག་འོང་ནི་ཨིན་མི་ལུ་ ཚ་གྱང་ལང་དོ་ཡོདཔ་ཨིན་པས།
འདི་བཟུམ་གྱི་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ ཚ་དྲོད་ཡར་འཕར་གྱི་ གདོང་ལེན་དེ་ ནམ་དང་ནམ་ཡང་ འབྱུང་སྲིད་པའི་ཁར་ མ་འོངས་བུ་བརྒྱུད་ཚུ་ལུ་ གནོད་ཉེན་ཆེ་སུ་ཡོད་པའི་ གནད་དོན་ཅིག་འབདཝ་ལས་ འདི་ཚུ་ལུ་ ཚ་གྱང་གི་གཞི་གནས་ཅིག་སྦེ་ ལུས་ནི་བཟུམ་ཡོདཔ་ ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།