Butão

Butão, Kuensel Online, Inglês
2025-02-20 04:15:33
༉ རྒྱལ་ཡོངས་ཚོགས་སྡེ་གིས་ རྒྱལ་ཡོངས་འཆར་སྣང་འགྲུབ་ཐབས་ལུ་ རྒྱལ་ཁབ་ནང་ ཁྲིམས་ལུགས་དང་སྒྲིག་གཞི་ཚུ་ ཕན་ནུས་ཅན་སྦེ་ ངེས་བརྟན་བཟོ་ནི་དང་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་སྒྲིག་གཞི་ཚུ་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་དང་ མཐུན་བསྒྲིག་འབད་ནི་ལུ་ གྲ་སྒྲིག་འབད་བའི་བསྒང་ཡོདཔ་ཨིན་པས། རྒྱལ་ཡོངས་དུས་ཆེན་ཐེངས་༡༡༧ པའི་ མི་དབང་མཆོག་གི་ གསུང་བཤད་འགྲུབ་ཐབས་ལུ་ ག་ཅི་ར་ འབད་དགོཔ་ཨིན་ནའི་སྐོར་ལས་ ཧ་གོ་ནིའི་དོན་ལུ་ སྤྱི་ཟླ་༢ པའི་ཚེས་༡༣ ལུ་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ཚུ་ གཅིག་ཁར་འཛོམས་ ཡོདཔ་ཨིན་པས། མི་དབང་མཆོག་གིས་ ལྕོགས་གྲུབ་ཐོབ་དབང་དང་དམངས་གཙོའི་རིང་ལུགས་ ཚོང་ལཱ་དང་འབྲེལ་བའི་རིམ་ལྡན་གཞུང་ལུགས་ དཔལ་འབྱོལ་ལྷན་ཐབས་བཅའ་ཁྲིམས་ དེ་ལས་ མི་རློབས་དབང་ཆ་བརྩིས་ཏེ་ བརྗོད་དོན་༤ གི་ཐོག་ལུ་ གསུངས་གནང་ཡོདཔ་ཨིན་པས། དམིགས་བསལ་དུ་ མི་དབང་མཆོག་གིས་ བཅའ་ཁྲིམས་ཚུ་ བཀའ་རྒྱ་དང་ ཉེན་སྲུང་ གོང་འཕེལ་ དེ་ལས་ མི་སྡེ་བཞི་སྡེ་གི་ གཞི་རྟེན་ཅིག་ཨིནམ་ད་ རྒྱལ་ཁབ་མང་ཤོས་ཅིག་ བཅའ་ཁྲིམས་སྣ་མང་དང་ མི་སེར་ཚུ་གིས་ ཧ་མ་གོ་མི་ བསྟར་སྤྱོད་ལེགས་ཤོམ་མ་འབད་མི་ལུ་བརྟེན་ གདོང་ལེན་བྱུང་སྟེ་འདུག་ཟེར་ གསུངས་ཡོདཔ་ཨིན་པས། རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་འོགམ་ དར་མགོ་ཚེ་རིང་ལ་གིས་ སླབ་མིའི་ནང་ རྒྱལ་ཡོངས་ཚོགས་སྡེ་གིས་ མི་དབང་མཆོག་གི་ ཐུགས་ཀྱི་དགོངས་བཞེད་འགྲུབ་ཐབས་ལུ་ ལས་སྣ་ག་ར་ རིམ་བསྒྲིག་འབད་ནི་ཨིནམ་བཞིན་དུ་ མི་དབང་མཆོག་གིས་ རྒྱལ་ཡོངས་དུས་ཆེན་ནང་ བཅའ་ཁྲིམས་དང་འབྲེལ་བའི་གསུངས་ཐོག་ལུ་ བཅུད་དོན་བསྐྱར་བརྗོད་ཀྱི་ ལས་སྣ་ཅིག་ འབད་ཡི་ཟེར་ཨིན་པས། ཁོ་གིས་འབད་བ་ཅིན་ ཚོགས་སྡེ་གིས་ རྒྱལ་ཁབ་ནང་ དགོས་མཁོ་དང་འཁྲིལ་ཏེ་ མཉམ་སྡེབ་དང་ འཕྲི་སྣོན་ དེ་ལས་ བཅའ་ཁྲིམས་བརྩམས་ནི་ལུ་ དྲནམ་བཏོན་ཐོག་ལས་ ལཱ་འབད་ནི་ཨིནམ་ད་ དེ་ཡང་ མ་འོངས་ལོ་༡༠ ནང་འཁོད་ལུ་ ཁྲིམས་ཀྱི་ལམ་ལུགས་དེ་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས་དེ་ ལེགས་ཤོམ་སྦེ་ འབྲུག་གི་ས་གནས་གཞན་ཚུ་ལུ་ གཅིག་མཐུན་ངེས་བརྟན་བཟོ་ཐབས་ལུ་ཨིདན་ཟེར་ཨིན་པས། དར་མགོ་ཚེ་རིང་ལ་གིས་ སླབ་མིའི་ནང་ གནམ་བྱཱར་གྱི་ ཚོགས་བཞུགས་གྲ་སྒྲིག་འབདཝ་དང་འབྲེལ་ ཚོགས་སྡེའི་འཐུས་ཚུ་གི་ རང་སོའི་ཚོགས་ཆུང་ཚུ་ལུ་ བཅའ་ཁྲིམས་ག་བཟུམ་སྡེ་ མཉམ་སྡེབ་ ཡང་ཅིན་ འཕྲི་སྣོན་དང་ མི་དབང་མཆོག་གི་ རྒྱལ་ཡོངས་ཀྱི་ གསུང་བཤད་དང་འཁྲིལ་ཏེ་ གསརཔ་ག་བཟུམ་ བརྩམས་དགོཔ་ཨིན་ན་ ངོས་འཛིན་འབད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས། འཐུས་མི་ཚུ་གིས་ སྤྱི་ཟླ་༤ པའི་ནང་ ཞིབ་འཚོལ་ལེགས་ཤོམ་དང་ དམིགས་ཡུལ་ཚུ་སྦྲགས་ཏེ་ ཆ་ཚང་སྦེ་ ཚོགས་ཁང་ལུ་ གསལ་ཞུ་འབད་དགོཔ་ད་ དེ་གི་ཤུལ་ལས་ ཚོགས་ཁང་གིས་ བཅའ་ཁྲིམས་ག་དེ་ རྒྱལ་ཁབ་ནང་ ཧ་སུ་སྦེ་ མཉམ་སྡེབ་ ཡང་ཅིན་ ཧེ་མ་ བརྩམ་དགོཔ་བྱུང་མས་ག་ གཙོ་རིམ་སྒྲིག་འོང་ཟེར་ཨིན་པས། རྒྱལ་ཡོངས་ཚོགས་སྡེ་གིས་ འབྲེལ་ཡོད་ལས་སྡེ་དང་ ལས་ཚོགས་ཚུ་ དེ་ལས་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་དང་ རིམ་སྒྲིག་འབད་དེ་ རྩ་ཁྲིམས་ཅན་གྱི་ གཙུག་སྡེ་དང་ གྲོས་བསྟུན་འགོ་འདྲེན་འཐབ་ནི་ཨིནམ་ད་ ཚོགས་ཆུང་༥ ཡོད་མི་རེ་ལས་ ཉམས་མྱོང་ཅན་གྱིས་ ལཱ་འགན་འབག་དགོ་ཟེར་ དར་མགོ་ཚེ་རིང་ལ་གིས་ བཤདཔ་ཨིན་པས། སྤྱི་ཟླ་༢ པའི་ཚེས་༡༣ ལུ་ ཞལ་འཛོམས་འཚོགས་པའི་སྐབས་ འཐུས་མི་ཚུ་ལུ་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་གྱི་ བཅའ་ཁྲིམས་དང་པ་དང་༢ པ་ གསལ་ཞུ་འབད་ཡོདཔ་ད་ བཅའ་ཁྲིམས་དེ་ཡང་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༢༦ ལས་ བསྟར་སྤྱོད་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས། ལས་སྡེ་མཉམ་སྡེབ་དང་ ལཱ་གཡོག་...
480490706_1258298722634786_4272798685256316835_n.jpg
Butão, Kuensel Online, Inglês
2025-02-19 20:57:24
༉ ད་རིས་དྲོ་པར་ ལམ་དཔལ་རི་ལུ་ སྣུམ་འཁོར་ཐུག་རྐྱེན་བྱུང་མིའི་ནང་ མི་གཉིས་ལུ་ཤི་རྐྱེན་བྱུང་ཡོདཔ་ད་ གདོང་ཕྱོགས་ཀྱི་ སྡོད་ཁྲི་ནང་སྡོད་མི་དང་ དེད་གཡོགཔ་གཉིས་ཆ་ར་ སྐྱེས་ལོ་༢༥ ཨིནམ་བཞིན་དུ་ ཐུག་རྐྱེན་སྐབས་ ཁོང་གཉིས་མགུ་ཏོ་དང་ བྱང་ཁོག་གུ་ལུ་ གནོད་སྐྱོན་རྐྱབ་ཡོདཔ་སྦེ་ཨིན་པས། རྒྱབ་ཕྱོགས་ཀྱི་ སྡོད་ཁྲི་ནང་སྡོད་མི་ འགྲུལ་པ་དེ་ ལམ་འགྲུལ་འབད་མི་ཚུ་གིས་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བསྐྱལ་ཡོདཔ་ད་ ད་ལྟོ་ ནདཔ་དེ་གནས་སྟངས་ལེགས་ཤོམ་ཐོག་ལུ་ ཡོདཔ་སྦེ་ཨིན་པས། སྣུམ་འཁོར་ཀཱར་དེ་ རྩི་རང་ལས་ ཐིམ་ཕུག་ཁ་ཐུག་ལུ་ འོང་མི་ཨིནམ་ད་ སྣུམ་འཁོར་ཊག་དེ་ ཐིམ་ཕུག་ལས་ དབང་འདུས་ཕོ་བྲང་ཁ་ཐུག་ལུ་ འགྱོ་མི་ཨིནམ་བཞིན་དུ་ ལོ་རྒྱུས་དང་འཁྲིལ་བ་ཅིན་ ཐུག་རྐྱེན་དེ་ དེད་གཡོགཔ་གཉིད་དུ་རྐྱབ་སྟེ་ བྱུང་བྱུངམ་བཟུམ་འདུག་ཟེར་ཨིནམ་བཞིན་དུ་ ཤི་རྐྱེན་བྱུང་མིའི་ཕུངམ་ཚུ་ ཁོང་རའི་ནང་མི་བཟའ་ཚང་ཚུ་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པའི་གནས་ཚུལ། ཚེ་རིང་དབང་འདུས། Source link
citybus-1.jpg
Butão, Kuensel Online, Inglês
2025-02-19 11:04:38
༉ ཁྲོམ་སྡེ་འགྲུལ་སྐྱེལ་ཞབས་ཏོག་གིས་ ལོ་གཉིས་ཀྱི་རྒྱབ་ལས་ ད་རུང་ དགའ་སྐྱིད་ར་ཡེཌ་Gakyid Ride ཟེར་མི་མཉེན་ཆས་དེ་ སྤྱི་ཟླ་༢ པའི་ཚེས་༡༤ ལུ་ ལོག་འགོ་འབྱེད་འབད་ཡོདཔ་ད་ དེ་ཡང་ ཁྲོམ་སྡེ་ནང་ འགྲོ་འགྲུལ་ཚུ་ དུས་མཐུན་ཐོག་ལུ་ ལེགས་ལྡན་སྦེ་ འབད་ཚུགས་ཐབས་ལུ་ཨིན་པས། མཉེན་ཆས་དེ་གིས་ འགྲུལ་པ་ཚུ་ འགྲུལ་སྐྱེལ་བཱསི་ཚུ་ ས་གནས་ག་ཏེ་ལུ་ཡོདཔ་ཨིན་ན་ ཁོང་རའི་འགྲུལ་འཕྲིན་ནང་ལས་ འཐོབ་ཚུགས་ནི་དང་ དེ་གིས་ དམིགས་བསལ་གྱི་ བཱསི་བསྒུགས་སའི་ས་ཁོངས་ནང་ ཡུན་རིངམོ་སྦེ་ བསྒུགས་སྡོད་མི་དགོ་ནི་ཨིན་པས། ཁྲོམ་སྡེ་འགྲུལ་སྐྱེལ་ཞབས་ཏོག་ནང་ ཉིན་བསྟར་བཞིན་དུ་ འགྲུལ་པ་༢༡,༡༦༥ དེ་ཅིག་ འགྲོ་འགྲུལ་འབད་དོ་ཡོདཔ་ད་ དེ་གི་གྲས་ཁར་ ཐོ་བཀོད་ཅན་གྱི་ ཤོག་བྱང་ལག་ལེན་འཐབ་མི་༣༧,༡༣༠ ཡོདཔ་བཞིན་དུ་ འགྲུལ་འཁོར་ནང་ སློབ་ཕྲུག་༡༥,༣༨༤ དང་ གཏན་རྐྱང་རྒྱུན་འགྲུལ་འཐབ་མི་༢༠,༦༡༧ མི་རྒས་ཤོས་༩༧༨ དེ་ལས་ དབང་པོ་ལུ་ཐོ་ཕོག་མི་༡༥༠ ཡོདཔ་ཨིན་པས། ཤོག་བྱང་ལག་ལེན་འཐབ་མི་ མ་བརྩིས་བར་ དངུལ་སྤྲོད་ཐོག་ལས་ འགྲོ་འགྲུལ་འབད་མི་འཐེབ་༢༡,༠༥༩ ཡོདཔ་ཨིན་པས། ཁྲོམ་སྡེ་འགྲུལ་སྐྱེལ་ཞབས་ཏོག་གི་ བརྡ་དོན་འཕྲུལ་རིག་འགོ་དཔོན་ ཆོས་གྲགས་རྒྱལ་མཚན་གྱིས་ བཤད་མིའི་ནང་ མཉེན་ཆས་ཨེཔ་དེ་ གུ་གཱུལ་པེ་ལེ་ཨིས་ཊོར་ Google play store ནང་ལས་ ཕབ་ལེན་འབད་ཚུགས་ནི་དང་ ཨེ་པཱལ་ཨེབ་ཨིས་ཊོར་ apple apps store དོན་ལུ་ ལཱ་ཚུ་འབད་ཚར་ཡོད་རུང་ མཉེན་ཆས་དེ་ ཨེ་པཱལ་གྱི་དོན་ལུ་ བསྐྱར་ཞིབ་ཚུ་འབད་བའི་བསྒང་ཡོད་ཟེར་ཨིན་པས། ཕི་ལིཊ་འཛིན་སྐྱོང་རིམ་ལུགས་FMS དང་བསྟུན་ མཉེན་ཆས་དེ་གིས་ ས་ཁྲའི་ཐོག་ལས་ འགྲུལ་སྐྱེལ་བཱསི་ཚུ་ དངོས་མཐོང་སྦེ་ བལྟ་ཚུགས་ནི་དང་ དེ་ཁར་ འགྲུལ་སྐྱེལ་བཱསི་གི་ ལས་འཆར་རེའུ་མིག་ཚུ་དང་སྦྲགས་ རེས་གཟའ་ཟླ་བའི་དུ ས་ཚོད་རེའུ་མིག་ཚུ་ཡོད་པའི་ཁར་ རྒྱུན་འགྲུལ་འཐབ་ས་ བཱསི་ལྷོད་ནིའི་དུས་ཚོད་གཏན་འཁེལ་ འགྲུལ་འཁོར་གྱི་ཨང་གྲངས་ དེ་ལས་ འགྲུལ་འཁོར་དེ་ རྒྱུན་འགྲུལ་ཐོག་ལུ་ཡོད་མེད་དང་ དུས་ཚོད་ངེས་གཏན་ཚུ་ དེ་ཁ་ལས་ བདའ་ཟུན་ཚུགས་ནི་ཨིན་པས། འགྲོ་འགྲུལ་འབད་མི་ཚུ་གིས་ འགྲུལ་འཁོར་བཱསི་དེ་ ཁྲོམ་ལམ་བདའ་སྟེ་ འགྱོ་ནི་ཨིན་ན་ ཡང་ཅིན་ ལམ་ཕྱོགས་གཞན་ཁ་ལས་ འགྱོ་ནི་ཨིན་ན་ ཨེབ་རྟགས་གི་ མཉེན་ཆས་ཨེབ་དེ་ནང་བལྟཝ་ད་ ཤེས་ཚུགས་ནི་ཨིན་པས། མང་ཤོས་ཅིག་གིས་ མཉེན་ཆས་ཨེཔ་དེ་ འགྲུལ་འཁོར་བཱསི་ལྷོད་ནི་མེད་པའི་ དུས་ཚོད་ཀྱི་གདོང་ལེན་དེ་ བསལ་ཚུགས་ནི་མས་ཟེར་ཨིན་པས། རྡོ་རྗེ་གིས་འབད་བ་ཅིན་ མཉེན་ཆས་འདི་ལུ་བརྟེན་ དུས་ཚོད་ཁར་ འགྲོ་འགྲུལ་འབད་ཚུགས་ནི་དང་ དམིགས་བསལ་གྱི་ གནམ་དགུན་གྱི་སྐབས་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིནམ་ད་ འགྲུལ་འཁོར་བཱསི་ དུས་ཚོད་ནམ་འོང་ནི་ཨིན་ན་ གཏན་འཁེལ་སྦེ་ ཧ་གོ་མ་ཚུགས་པའི་བསྒང་ལས་ ང་བཅས་མང་ཤོས་ར་ གླ་འཁོར་ནང་འགྱོ་དགོཔ་ ཐོནམ་མས་ཟེར་ཨིན་པས། འགྲུལ་སྐྱོད་འབད་མི་ གཞན་མི་ཅིག་གིས་ བཤད་མིའི་ནང་ འགྲུལ་འཁོར་ལག་ལེན་གྱི་ མཉེན་ཆས་ཐོག་ལས་ བཱསི་བཞག་ཐང་ནང་ དུས་ཡུན་སྐར་མ་༥ དང་༡༠ གྱི་ཧེ་མར་ འགྱོ་སྡོད་པ་ཅིན་བཏུབ་ནི་ཨིནམ་ལས་ དེ་གིས་ འགྲོ་འགྲུལ་འབད་ནི་ལུ་ ཁེ་ཕན་སྦོམ་ར་འདུག་ཟེར་ཨིན་པས། ད་རུང་ འདི་བཟུམ་གྱི་ ཁེ་ཕན་ལུ་བརྟེན་ སྟབས་མ་བདེཝ་དུམ་གྲ་རེ་འབྱུང་འོང་ཟེར་ ཆོས་གྲགས་རྒྱལ་མཚན་གྱིས་ བཤད་མི་དེ་ཡང་ འཕྲལ་འཕྲལ་སྐབས་ ཡོངས་འབྲེལ་གྱི་རྒྱུན་ལམ་ ལེགས་ཤོམ་མེད་པའི་སྐབས་སུ་ བར་ཆད་རེ་འབྱུང་ནི་ཨིནམ་ལས་ འགྲོ་འགྲུལ་འབད་མི་ཚུ་གིས་ དུས་རྒྱུན་གྱི་ དུས་ཚོད་ལུ་ཡང་ བལྟ་དགོ་ཟེར་ཨིན་པས། ན་ཧིང་ སྤྱི་ཟླ་༢ པའི་ཚེས་༦...
blackneckedcrane-1.jpg
Butão, Kuensel Online, Inglês
2025-02-18 19:59:45
༉ རྒྱལ་ཁབ་ནང་ གནམ་དགུན་གྱི་དུས་ཚོད་ལུ་ ཁྲུང་ཁྲུང་སྐེ་ནག་འོང་ནི་དེ་ སྤྱི་ལོ་༡༩༨༧ ལུ་ ཁྲུང་ཁྲུང་གྱངས་ཁ་༣༧༠ ལྷོད་མི་ལས་འགོ་བཙུགས་ སྤྱི་ལོ་༢༠༢༤-༢༥ འི་ནང་འཁོད་ལུ་ ཡོངས་བསྡོམས་ཁྲུང་ཁྲུང་སྐེ་ནག་༧༠༩ ལོ་བསྟར་ལྷོད་པའི་ གནས་ཐོ་ལུ་བལྟ་བ་ཅིན་ འདས་པའི་ལོ་ངོ་བཅུ་ཕྲག་༤ གི་ནང་འཁོད་ལུ་ ཁྲུང་ཁྲུང་གི་གྱངས་ཁ་དེ་ ལོག་ལྟབ་སྦེ་ ཡར་སེང་སོང་ཡོདཔ་ཨིན་པས།འདས་པའི་ལོ་༥ འི་ནང་འཁོད་ལུ་ འབྲུག་ལུ་ བྱ་ཁྲུང་ཁྲུང་སྐེ་ནག་གི་གྱངས་ཁ་ ཡར་སེང་སོང་ཡོདཔ་སྦེ་ཨིནམ་ད་ དེ་ཡང་ སྤྱི་ལོ་༢༠༢༣-༢༠༢༤ ལུ་༦༧༦ དང་ སྤྱི་ལོ་༢༠༢༢-༢༠༢༣ ལུ་༦༧༧ སྤྱི་ལོ་༢༠༢༡-༢༠༢༢ ལུ་༥༩༩ དེ་ལས་ སྤྱི་ལོ་༢༠༢༠-༢༠༢༡ ལུ་༥༥༢ སྦེ་ཡོད་མི་དེ་ རྒྱལ་འཛིན་རང་བཞིན་སྲུང་སྐྱོབ་ཚོགས་སྡེའི་ གནས་ཐོ་དང་འཁྲིལ་ཨིན་ཟེར་ཨིན་པས།ཕོབ་སྦྱིས་ཁ་ལུ་འབད་བ་ཅིན་ གནམ་དགུན་གྱི་ ཁྲུང་ཁྲུང་སྐེ་ནག་མངམ་འོང་སའི་ ས་གནས་ཅིག་ཨིནམ་བཞིན་དུ་ ཁྲུང་ཁྲུང་༦༤༠ ལྷོད་ས་ལས་༧༥ དེ་ ཕྱུག་གུ་ཚུ་ཨིནམ་ད་ བཀྲིས་གཡང་རྩེ་བུམ་སྡེ་གླིང་ལུ་འབད་བ་ཅིན་༥༩ ལྷོད་ས་ལས་༧ ཕྱུག་གུ་ཨིནམ་བཞིན་དུ་ མཁོ་ཐང་ཁ་དང་ ཆུ་སྨད་ལུ་འབད་བ་ཅིན་ ཁྲུང་ཁྲུང་རྒས་ཤོས་གཉིས་རེ་འོང་ཡོདཔ་དང་ སྟང་དང་ ལྷུན་རྩེ་ལུ་ ཁྲུང་ཁྲུང་༣ ཐོང་མི་གྲས་ལས་ ཕྱུག་གུ་རེ་ཡོདཔ་སྦེ་ཨིན་པས།འདས་པའི་ལོ་ཚུ་དང་ཕྱདཔ་ད་ སྤྱི་ལོ་༢༠༢༣-༢༠༢༤ ལུ་ ཕོབ་སྦྱིས་ཁ་ལུ་ ཁྲུང་ཁྲུང་སྐེ་ནག་༣༡ འཐེབ་ལྷོད་ཡོདཔ་སྦེ་ དུས་ཅི་གི་ཞིབ་འཇུག་ནང་ འཁོད་དེ་ཡོདཔ་ཨིན་རུང་ བུམ་སྡེ་གླིང་ལུ་འབད་བ་ཅིན་ ལོ་བསྟར་བཞིན་དུ་ བྱ་གསུམ་རེ་ མར་བབས་སོང་ཡོདཔ་སྦེ་ཨིནམ་ད་ མཁོ་ཐང་ཁ་ལུ་ ཁྲུང་ཁྲུང་ཅིག་མར་བབས་དང་ སྟང་ལུ་འབད་བ་ཅིན་ ཁྲུང་ཁྲུང་ཅིག་འཐེབ་ལྷོད་ཡོདཔ་སྦེ་ གནས་ཐོ་ནང་འཁོད་ཡོདཔ་ཨིན་པས།འབུམ་སྡེ་གླིང་དང་ མཁོ་ཐང་ཁ་ལུ་ ལོ་བསྟར་བཞིན་དུ་ ཁྲུང་ཁྲུང་སྐེ་ནག་གི་གྱངས་ཁ་དེ་ མར་བབས་འགྱོ་དོ་ཡོདཔ་སྦེ་ ཨིན་མི་དེ་ཡང་ ཟེགསམ་ཟ་ས་ཉུང་སུ་འགྱོ་མི་དང་ མི་གིས་གོང་འཕེལ་གྱི་ ལས་སྣ་འབད་ནི་མང་སུ་ཐོན་མི་ དེ་ལས་ ཆུ་ཞིང་དེ་ཅིག་ར་མེད་མི་ལུ་བརྟེན་ ཨིན་མས་ཟེར་ཨིན་པས།འབུམ་སྡེ་གླིང་ལུ་ སྤྱི་ལོ་༡༩༩༠ ལུ་ ཆུ་རུད་ཤུགས་སྦེ་ཐོན་མི་གིས་ ཁྲུང་ཁྲུང་ཚུ་ ཟནམ་བཟའ་ས་མེདཔ་བཏང་མི་དང་ ཟནམ་འཚོལ་བཟའ་སའི་ས་ཁོངས་མེད་མི་ འབྱ་ཞིང་ཉུང་སུ་འགྱོ་མི་ དེ་ལས་ མི་གིས་ བར་དཀྲོགས་འབད་མི་མང་སུ་ཐོན་མི་ཚུ་ག་ར་བསྡོམས་ད་ ཁྲུང་ཁྲུང་གི་གྱངས་ཁ་དེ་ རང་བཞིན་གྱིས་ མར་བབས་འགྱོ་དོ་ཡོདཔ་སྦེ་ཨིན་པས།སྤྱི་ལོ་༡༩༨༧ ལུ་ འགོ་དང་པ་ ཞིབ་དཔྱད་འབད་བའི་སྐབས་ བུམ་སྡེ་གླིང་ལུ་ ཁྲུང་ཁྲུང་༢༠༠ ཐོ་བཀོད་འབད་ཡོདཔ་ད་ སྤྱི་ལོ་༢༠༠༤ དང་༢༠༡༩ གི་ནང་འཁོད་ལུ་ ཁྲུང་ཁྲུང་གི་གྱངས་ཁ་དེ་༡༤༩ དང་༩༢ དེ་ཅིག་ལུ་ མར་བབས་སོང་ཡོདཔ་སྦེ་ཨིན་པས།སྤྱི་ལོ་༢༠༡༩ ལུ་ ཁྲུང་ཁྲུང་གི་གྱངས་ཁ་དེ་ རྒྱ་ཆེཝ་སྦེ་ར་ མར་བབས་སོང་ཡོདཔ་ད་ སྤྱི་ལོ་༢༠༡༩-༢༠༢༠ ལུ་༨༠ ཡོད་ས་ལས་ སྤྱི་ལོ་༢༠༢༢-༢༠༢༣ ལུ་༥༡ གུ་མར་བབས་དང་ སྤྱི་ལོ་༢༠༢༣-༢༠༢༤ ལུ་༦༢ ལུ་ ཡར་སེང་སོང་ཡོདཔ་སྦེ་ཨིན་པས།རྒྱལ་གཞུང་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་གིས་ སྤྱི་ལོ་༡༩༨༦ ལས་ ཞིབ་འཇུག་འབད་ནི་འགོ་བཙུགས་ཏེ་འབདཝ་ད་ ས་ཁོངས་ལ་ལུ་ཅིག་ནང་ སྡོད་གནས་དང་ མི་གིས་བར་ཟིང་ལང་མི་ འབྱ་ཞིང་ཉུང་སུ་སོང་མི་ལུ་བརྟེན་ མར་བབས་སོང་ཡོདཔ་སྦེ་ཨིན་པས།རྒྱལ་གཞུང་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་གིས་ འབུམ་སྡེ་གླིང་དང་ བཀྲིས་གཡང་རྩེ་ལུ་ སྡོད་གནས་ཚུ་ཉམས་གསོ་འབད་དེ་ ཁྲུང་ཁྲུང་མངམ་འོང་ཐབས་འབད་ནིའི་ དམིགས་ཡུལ་ཡོདཔ་ཨིན་པས།མཁོ་ཐང་ཁ་བཟུམ་ཅིག་ནང་ འབད་བ་ཅིན་ སྤྱི་ལོ་༢༠༡༥ ཟླ་༡༡ པ་དང་༡༢ པའི་ནང་ ཁྲུང་ཁྲུང་༡༤ ལྷོད་ཡོདཔ་ཨིན་རུང་ ད་རེས་ནངས་པར་འབདཝ་ད་ ལོ་བསྟར་བཞིན་དུ་ ཁྲུང་ཁྲུལ་དག་པ་རེ་མ་གཏོགས་ འོང་ནི་མེདཔ་སྦེ་ ཨིནམ་བཞིན་དུ་ འཕྲལ་ཁམས་ཅིག་ལས་ གནམ་དགུན་ལུ་ ཁྲུང་ཁྲུང་གི་གྱངས་ཁ་དེ་༧ འོག་རྒྱུ་སྦེ་ཡོདཔ་ཨིན་པས།རྒྱལ་གཞུང་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་གིས་...
Forex-.jpg
Butão, Kuensel Online, Inglês
2025-02-18 05:43:34
However, the increase in reserves is not from economic productivity but from reliance on loans and grants Thukten Zangpo The country’s foreign exchange reserves grew by 15.39 percent year-over-year, reaching USD 700.51 million as of December 2024, an increase  of USD 93.48 million, according to the National Statistics Bureau’s socio-economic fourth-quarter update. The current reserves, comprising USD 509.7 million in convertible currency and INR 16.12 billion, are sufficient to cover 18.12 months of essential imports—well above the constitutional mandate requiring a minimum one-year coverage for essential imports. The finance ministry projects reserves to climb to USD 783 million by June 2025, covering 20 months of essential imports. The reserves are expected to further increase to USD 1.27 billion in 2026 and USD 1.74 billion in 2027. According to the finance ministry, this improvement in reserves is tied to increased external grants and loans. “While the increase in gross international reserves...
Butão, Kuensel Online, Inglês
2025-02-17 15:35:44
༉ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ གྲོས་འདེབས་ཕུལ་ཡོདཔ་བཞིན་དུ་ དངུལ་རྩིས་ལྷན་ཁག་གིས་ སྤྱི་གཡོགཔ་ཚུ་གི་ མགྲོན་སྐྱོང་དང་ སྤྲོ་འཐུས་འཆར་དངུལ་གྱི་ལམ་སྟོན་ བསྐྱར་ཞིབ་འབད་ཡོདཔ་ཨིན་པས། ལམ་སྟོན་དེ་ཡང་ དུས་ཅི་ སྤྱི་ཟླ་༢ པའི་ཚེས་༣ ལས་ བསྟར་སྤྱོད་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས། དུས་མཐུན་འབད་བའི་མགྲོན་སྐྱོང་དང་ སྤྲོ་འཐུས་འཆར་དངུལ་ལམ་སྟོན་༢༠༢༥ ཅན་མ་དང་འཁྲིལ་བ་ཅིན་ བློན་ཆེན་གྱིས་ ཟད་འགྲོ་ངོ་མ་བཏང་བཏངམ་རྐྱངམ་གཅིག་ ཐོབ་ཐངས་ཡོདཔ་ཨིན་པས། རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་དང་ མངོན་མཐོའི་ཁྲིམས་འདུན་གྱི་དྲང་དཔོན་ བློན་པོ་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ ལྡོག་ཕྱོགས་འགོ་ཁྲིདཔ་ དེ་ལས་ སྐུ་སྒེར་ཚོགས་སྡེའི་ཁྲི་འཛིན་ཚུ་གིས་ ལོ་བསྟར་ འཆར་དངུལ་དངུལ་ཀྲམ་ས་ཡ་༡.༥ ཐོབ་ལམ་ཡོདཔ་ཨིན་པས། རྩ་ཁྲིམས་ཅན་གྱི་གཙུག་སྡེའི་འགོ་འཛིན་དང་ གཞུང་གི་དྲུང་ཆེན་ ཆེ་མཐོའི་ཁྲིམས་འདུན་གྱི་ དྲང་དཔོན་ ལྷན་འཛིན་ རྒྱལ་ཡོངས་ཚོགས་འདུ་དང་ཚོགས་སྡེའི་ ཡོངས་ཁྱབ་དྲུང་ཆེན་རྒྱལ་འཛིན་གཙུག་ལག་སློབ་སྡེའི་གཙུག་ལག་གཙོ་འཛིན་ རྒྱལ་གསར་རྒྱལ་པོ་གསོ་རིག་གཙུག་ལག་གཙོ་འཛིན་ དེ་ལས་ འཇིགས་མེད་སེངྒེ་དབང་ཕྱུག་ཁྲིམས་ཀྱི་སློབ་གྲྭའི་ སྒྲིག་འཛིན་ཚུ་གིས་ ལོ་བསྟར་ འཆར་དངུལ་དངུལ་ཀྲམ་༡༦༠,༠༠༠ ཐོབ་ལམ་ཡོདཔ་སྦེ་ བཟོ་ཡོདཔ་ཨིན་པས། གཞུང་ཚབ་དང་ གཏན་བཞུགས་སྐུ་ཚབ་ ཆེ་མཐོང་དོན་གཅོད་ཡོངས་ཁྱབ་ དེ་ལས་ འབྲེལ་འཛིན་དང་ ཕྱི་རྒྱལ་གྱི་ སྐྱེལ་འདྲེན་ཡིག་ཚང་ཚུ་གིས་ རང་སོའི་ གནས་སོར་དང་འཁྲིལ་ཏེ་ དངུལ་ཀྲམ་༧༢༠,༠༠༠ ལས་ དངུལ་ཀྲམ་ས་ཡ་༧.༨ བར་ན་ འཆར་དངུལ་གྱི་ ཐོབ་ལམ་ཡོདཔ་ཨིན་པས། དེ་ལས་ རྒྱལ་སྲུང་སྦྱོང་བརྡར་སྤེལ་ཁང་གི་ འགོ་འཛིན་དང་ རྒྱལ་སྲུང་ཡིག་ཚང་ལྟེ་བའི་ ཡོངས་ཁྱབ་དྲུང་ཆེན་ དེ་ལས་ རྫོང་བདག་ཚུ་གིས་ དངུལ་ཀྲམ་༡༥༠,༠༠༠ གི་ ཐོབ་ལམ་ཡོདཔ་ཨིན་པས། མངོན་མཐོའི་དྲང་དཔོན་དང་ རྩ་ཁྲིམས་ཅན་གཙུག་སྡེའི་ལྷན་འཛིན་དང་ སྐུ་སྒེར་ཚོག་སྡེའི་ ཁྲི་འཛིན་ ཡང་ཅིན་ ལྷན་འཛིན་ ཆེ་མཐོའི་དྲང་དཔོན་ ཆེ་མཐོ་དང་མངོན་མཐོའི་རྩོད་འཛིན་ཡོངས་ཁྱབ་ མདོ་ཆེན་དང་ཡོངས་ཁྱབ་མདོ་ཆེན་ ཁྲོམ་དཔོན་ ཁྲོམ་སྡེ་དྲུང་ཆེན་ དེ་ལས་ ཡོངས་ཁྱབ་དྲུང་ཆེན་ཚུ་གིས་ ལོ་བསྟར་ མགྲོན་སྐྱོང་དང་ སྤྲོ་འཐུས་དངུལ་ཀྲམ་༨༠,༠༠༠ ཐོབ་ལམ་ཡོདཔ་ཨིན་པས། ད་རེས་ཡོད་པའི་ རྫོང་ཁག་དང་ དྲུང་ཁག་གི་ དྲང་དཔོན་དང་ ལུང་ཕྱོགས་ཀྱི་ འགོ་འཛིན་ཚུ་གི་ འཆར་དངུལ་དངུལ་ཀྲམ་༣༠,༠༠༠ དང་ རྒཔོ་ཚུ་གི་ དངུལ་ཀྲམ་༢༠,༠༠༠ གི་ ཐོབ་ལམ་ཡོདཔ་ཨིན་པས། དངུལ་རྩིས་ལྷན་ཁག་དང་འཁྲིལ་བ་ཅིན་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་བཅའ་ཁྲིམས་༢༠༢༢ ཅན་མའི་ནང་ བློན་པོ་དང་ བློན་པོ་དང་འདྲ་མཉམ་གྱི་གོ་གནས་འཆང་མི་ཚུ་གི་ ཐག་བཅད་རང་དབང་གི་གནང་སྦྱིན་ཚུ་ ཟླ་རིམ་གྱི་ དངུལ་ཕོགས་ནང་ མཉམ་སྡེབ་འབད་དེ་ ཡོདཔ་ཨིན་པས། རྫོང་བདག་དང་ སྐུ་ཚབ་ཡིག་ཚང་ དོན་གཅོད་ ཡང་ཅིན་ དོན་གཅོད་ཡིག་ཚང་ཚུ་གི་ ཐག་བཅད་རང་དབང་གི་གནང་སྦྱི་ཚུ་ ཆ་མེདཔ་བཏང་སྟེ་ ལོ་བསྟན་རྒྱུན་སྐྱོང་ཟད་འགྲོ་གི་ ཆ་ཤས་ཅིག་སྦེ་ བཙུགས་ཏེ་ཡོདཔ་ཨིན་པས། ལམ་སྟོན་དེ་ སྤྱི་གཡོག་ཚུ་ལུ་ དང་ལེན་འབད་ནི་ཨིནམ་ད་ མགྲོན་སྐྱོང་དང་ སྤྲོ་འཐུས་འཆར་དངུལ་བགོ་བཀྲམ་འབད་མི་ཚུ་ རང་སོའི་ལས་སྡེ་ ནང་འཁོད་ལུ་ ལག་ལེན་འཐབ་ནི་ ཐོབ་དབང་ཡོདཔ་ཨིན་པས། མགྲོན་སྐྱོད་དང་ སྤྲོ་འཐུས་ཟད་འགྲོ་དེ་ མགྱོནམ་ཚུ་ གཞུང་འབྲེལ་དང་ ཟད་འགྲོ་བཏང་མི་ ཡང་ཅིན་ ལས་སྡེ་གི་བཀའ་རྒྱ་དང་ ཐད་ཀར་དུ་འབྲེལ་བ་ཡོད་པའི་ ལས་རིམ་ཚུ་ལུ་ ལག་ལེན་འཐབ་མི་ལུ་ གོ་དོ་ཡོདཔ་ཨིན་པས། ལམ་སྟོན་ནང་ གཞུང་འབྲེལ་གྱི་དོན་ལུ་ བཞེས་སྒོ་དང་ འཐུང་ཆུ་ བཞེས་སྒོ་ དེ་ལས་ ཁྱོསམ་ཚུ་ལུ་ བཏང་ཆོགཔ་ཨིན་པས། ཨིན་རུང་ ཆང་རིགས་ཚུ་...
20250214_140709-scaled.jpg
Butão, Kuensel Online, Inglês
2025-02-17 00:56:19
༉ སྤྱི་ཟླ་༢ པའི་ཚེས་༡༣ དང་༡༤ ཉིནམ་གཉིས་ཀྱི་རིང་ སྤ་རོ་ལུ་སྦེ་ རྫོང་ཁ་མཁས་ཚོགས་ཀྱི་ གྲོས་འཛོམས་ཐེངས་༨ པ་ འཚོགས་ཡོདཔ་ཨིན། གྲོས་འཛོམས་དེ་ཡང་ འདས་པའི་ལོ་གསུམ་ལྷགཔ་ཅིག་གི་རིང་ ནད་ཡམས་ཀྱི་གནད་དོན་དང་ མ་དངུལ་གྱི་ དཀའ་ངལ་ལུ་བརྟེན་ འཚོགས་མ་ཚུགས་པར་ ལུས་པའི་ཤུལ་ལུ་ དུས་ཅི་ལོག་འགོ་བཙུགས་ཡོདཔ་ཨིན་པས། སྤྱིར་བཏང་གྲོས་འཛོམས་དེ་ སྒྲིག་གཞི་ལམ་ལུགས་ལྟར་ ལོ་གཅིག་གི་ནང་འཁོད་ལུ་ ཉུང་ཤོས་ཐེངས་གཉིས་རེ་ འཚོགས་དགོཔ་སྦེ་ ཡོདཔ་ཨིན་པས། རྫོང་ཁ་མཁས་ཚོགས་གྲོས་འཛོམས་དེ་ གཞུང་གི་རྒྱབ་སྐྱོར་མ་དངུལ་ཐོག་ སྲོལ་འཛིན་དང་ རྫོང་ཁ་གོང་འཕེལ་སྡེ་ཚན་གྱིས་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས། ད་རེས་ཀྱི་གྲོས་འཛོམས་སྐབས་ལུ་ རྒྱལ་ཁབ་ནང་ སྔོན་དང་ཕུ་ལས་ དར་ཁྱབ་སོང་ཡོད་པའི་ རྫོང་ཁའི་ངག་རྒྱུན་ཚུ་ རྙོག་སེལ་དང་ དོགས་སེལ་ཐོག་ དྭངས་གསལ་བཟོ་སྟེ་ མ་འོངས་ན་གཞོན་ཚུ་གི་དོན་ལུ་ བདོག་གཏད་བཟུམ་ཅིག་སྦེ་ ལག་ལེན་འཐབ་ཚུགས་ཐབས་ལུ་ དམིགས་ཏེ་ཨིན་པས། དེ་ཡང་ སྒེར་སྡེའི་རྫོང་ཁ་སླབ་ཐངས་སྡེ་ཚན་གྱིས་ སྤྱི་ལོ་༢༠༢༢ ལུ་ རྫོང་ཁ་སླབ་ཐངས་ཟེར་བའི་ གནད་དོན་ཐོག་ སྔར་སྲོལ་རྫོང་ཁའི་ངག་རྒྱུན་གྱི་ ཀི་དེབ་ཅིག་ པར་སྐྲུན་འབད་ཡོད་མི་དེ་ མིང་ཚིག་འོས་འབབ་ཅན་ཚུ་ རྫོང་ཁའི་ཚིག་མཛོད་ནང་ གསར་བཙུགས་འབད་ཐབས་ལུ་དམིགས་ཏེ་ ཡི་གུ་ཚིག་འབྲུ་༢༠༦༨ དེ་ཅིག་ བསྡུ་སྒྲིག་འབད་དེ་ དེབ་ཐེར་ཅིག་ གསར་སྒྲིག་འབད་ཡོད་མིའི་ཐོག་ལུ་ འབད་ཡོདཔ་ཨིན་པས། ཨིན་རུང་ མཁས་ཚོགས་ཀྱིས་ གྲོས་བསྡུར་དང་ དབྱེ་ཞིབ་འབད་བའི་སྐབས་སུ་ ཚིག་འབྲུ་ལ་ལུ་ཅིག་ ཧེ་མ་ལས་ རྫོང་ཁའི་ཚིག་མཛོད་ནང་ ཚུད་དེ་ཡོདཔ་ད་ ཚིག་འབྲུ་ལ་ལུ་ཅིག་ འོས་འབབ་དང་མ་ལྡནམ་སྦེ་ ཡོད་མི་ཚུ་ ཕན་ཚུན་གྲོས་བསྡུར་དང་ དབྱེ་ཞིབ་ཐོག་ལས་ ཕྱིར་བཏོན་འབད་ཡོདཔ་མ་ཚད་ ཚིག་འབྲུ་འོས་འཚམས་ཡོད་མི་ཚུ་ རྫོང་ཁ་ཚིག་མཛོད་ཀྱི་ རྩ་ཚིག་ནང་ལུ་ གསར་བཙུགས་འབད་ནི་ཨིན་རུང་ ཚིག་འབྲུ་ལ་ལུ་ཅིག་ རྩ་ཚིག་གི་གྲངས་སུ་མེན་པར་ རྩ་ཚིག་ཅིག་གི་ནང་འཁོད་ དབྱེ་ཚིག་སྦེ་བཙུགས་རུང་ མ་བཏུབ་མེད་པའི་ དོགས་སེལ་ཚུ་འབད་དེ་ ཆ་འཇོག་འབད་ཡོདཔ་ཨིན་པས། ཨིན་རུང་ ཉིནམ་གཉིས་ཀྱི་ནང་འཁོད་ལུ་ མིང་ཚིག་ཀ་ལས་ཨ་ཚུན་འབདཝ་ད་ ཚིག་འབྲུ་མང་རབས་ཅིག་ཡོད་ནི་དེ་གིས་ དེ་ཚུ་ཕྱིར་སེལ་འབད་དགོཔ་ ལེ་ཤ་ཡོད་མི་ལུ་བརྟེན་ ཀ་སྡེ་ལས་འགོ་བཙུགས་ ཆའི་སྡེ་ཚུན་མ་གཏོགས་ དབྱེ་ཞིབ་འབད་མ་ཚུགསཔ་ཨིན་པས། ལྷག་ལུས་ཇའི་སྡེ་ཚན་ལས་འགོ་བཙུགས་ ཨའི་སྡེ་ཚན་ཚུན་གྱི་ དབྱེ་ཞིབ་འབད་ནི་དེ་ ལམ་སྲོལ་དང་ རྫོང་ཁ་གོང་འཕེལ་སྡེ་ཚན་གྱིས་ ཐབས་ཤེས་བཏོན་ཏེ་ འབད་ནི་ཨིན་ཟེར་ རྫོང་ཁ་གོང་འཕེལ་སྡེ་ཚན་གྱི་ སྐད་ཡིག་གཙོ་འཛིན་འགོ་དཔོན་ ཨོ་རྒྱན་རྡོ་རྗེ་གིས་ གྲོས་འཛོམས་མཇུག་བསྡུཝ་ད་ བཤད་ཡོདཔ་ཨིན་པས། དཔེ་དེབ་བསྡུ་སྒྲིག་འབད་མི་ སངས་རྒྱས་བསྟན་འཛིན་དང་ ཀུན་བཟང་རྡོ་རྗེ་གཉིས་ཀྱིས་ བསམ་འཆར་བཀོད་དོ་བཟུམ་ འབད་བ་ཅིན་ མིང་ཚིག་ཚུ་ ཞིབ་འཚོལ་མཐིལ་ཕྱིན་འབད་དེ་ ཤུགས་ཆེ་སུ་ཅིག་ ཝང་གི་ཁ་སྐད་དང་ སྤྱིར་བཏང་ལུ་ ཤར་ཝང་སྤ་གསུམ་གི་ ཁ་སྐད་ཚུ་ལུ་གཞི་བཞག་ཐོག་ལས་ འབད་ཡོད་རུང་ ཞིབ་འཚོལ་དང་ བསྡུ་སྒྲིག་འབདཝ་ད་ ཡོངས་འབྲེལ་ཝི་ཅེཊ་(wechat) ཐོག་ལས་ འཐུས་མི་༥༠༠ དེ་ཅིག་གིས་ གྲོས་བསྡུར་འབད་དེ་ རྙོག་སེལ་འབད་འབདཝ་ཨིནམ་བཞིན་དུ་ མིང་ཚིག་ཚུ་ག་ར་ འོས་འབབ་ཅན་ཙང་ཙ་ཨིན་ཟེར་ གྲོས་འཛོམས་སྐབས་ འབད་བརྩོན་བསྐྱེད་དེ་ དོགས་སེལ་འབདཝ་ཨིན་པས། མཁས་ཚོགས་ཀྱི་ཁྲི་འཛིན་ སྐད་ཡིག་དང་ ལམ་སྲོལ་མཐོ་རིམ་སློབ་གྲྭའི་མདོ་ཆེན་ལུང་བསྟན་གྱིས་ འབད་བ་ཅིན་ སྤྱིར་བཏང་སྡེ་ཚན་གྱི་ཁ་ཐུག་ལས་ ལཱ་ཚུ་རྩ་འགེངས་འབད་དེ་ གྲུབ་འབྲས་འདི་བཟུམ་ཐོན་མི་ལུ་ ངལ་རངས་དང་ དགའ་ཚོར་ཡོད་ཟེར་ཨིན་རུང་ མིང་ཚིག་ཚུ་ དཔེ་དེབ་ནང་ཡོད་མི་ ག་ར་ཚིག་མཛོད་ནང་ བཙུགས་ནི་ལུ་ ལེགས་ཤོམ་སྦེ་ དབྱེ་ཞིབ་འབད་དགོཔ་འདུག་ཟེར་ བཤདཔ་ཨིན་པས། མིང་ཚིག་གསརཔ་ཚུ་ཡང་ ཀ་ཀོ་ཅིག་ ཀ་འདྲ་རྒྱ་འདྲ་...
pg4-1-pdf.jpg
Butão, Kuensel Online, Inglês
2025-02-16 14:29:13
སྐད་ཡིག་དང་ ལམ་སྲོལ། Source link
budgeta.jpg
Butão, Kuensel Online, Inglês
2025-02-16 03:48:30
New guideline sets clear limits on hospitality expenses for public officials Thukten Zangpo Following recommendations by Royal Audit Authority (RAA), the finance ministry has revised the guidelines for the hospitality and entertainment budget for public servants, effective from February 3, 2025. According to the updated “Guideline for Hospitality and Entertainment Budget 2025”, the Prime Minister is entitled to actual expenses incurred. The speaker of the National Assembly, chief justice of the Supreme Court, cabinet ministers, chairperson of the National Council, opposition leader, and chairperson of the Privy Council will each receive Nu 1.5 million annually. Heads of constitutional bodies, government secretaries, chief justice of High Court, commission secretaries, secretary generals of National Assembly and National Council,  vice chancellor of Royal University of Bhutan, president of Khesar Gyalpo University of Medical Sciences and National Medical Services, and dean of the Jigme Singye Wangchuck School of Law are eligible for Nu 160,000...
plugins premium WordPress
Translate »